Image

ཁ་བཏགས་དཀར་པོ།

Khata Karpo 

Select your language

རྒྱལ་ཡོངས་ཤར་ཕྱོགས་སྐད་རིག་སློབ་གླིང་གི་དྲྭ་ཚིགས་ཐོག་བོད་ཀྱི་སྐད་ཡིག་སྐོར་ངོ་སྤྲོད་བྱས་པའི་དུམ་བུ་ཞིག་འདིར་ཟུར་བཀོད་ཞུས་ཡོད། http://www.inalco.fr/langue/tibetain

བོད་ཀྱི་སྐད་ཡིག་ནི་འབར་བོད་ (འབར་མ་དང་བོད་) སྐད་ཡིག་ཁྱིམ་རྒྱུད་ནང་ཚུད་ཀྱི་ཡོད། བོད་ཀྱི་སྐད་ཡིག་བཀོད་སྤྱོད་བྱ་མཁན་གྱི་ས་ཁྱོན་གྱི་ཁྱབ་ཁོངས་ནི་སྤྱི་ལེ་གྲུ་ཞི་མ་ས་ཡ་ ༢་༥ ཙམ་ཡོད་པ་དང་མི་གྲངས་ས་ཡ་དྲུག་ལྷག་ཡོད།

དེ་ཡང་གཙོ་བོ་བོད་དང་དེ་བཞིན་རྒྱ་གར་དང་། བལ་ཡུལ། འབྲུག་ཡུལ། སྤ་ཀི་སི་ཐན། (འབར་མའི་ནང་ལ་ཡང་བོད་སྐད་བེད་སྤྱོད་བྱ་མཁན་གྱི་ས་གནས་ཆུང་ཆུང་ཞིག་ཡང་ཡོད།) བོད་སྐད་དེ་དབྱེ་བ་རིགས་ལྔ་ཕྱེ་ཡི་ཡོད་པ་དང་། དབྱེ་བ་དེ་དག་ལ་ཡང་ཡུལ་སྐད་མི་འདྲ་བ་ཉི་བརྒྱ་ལྷག་ཡོད་རུང་དེ་དག་མང་ཆེ་བ་ནི་ཆ་རྒྱུས་མེད་པར་ལུས་ཡོད།

རྒྱལ་ཡོངས་ཤར་ཕྱོགས་སྐད་རིག་སློབ་གླིང་ནང་སློབ་ཁྲིད་བྱེད་བཞིན་བོད་སྐད་ནི་འཛམ་གླིང་ཡུལ་གྲུ་གཞན་ལ་སློབ་ཁྲིད་བྱེད་པ་དང་གཅིག་མཚུངས་བཞིན་བོད་ཀྱི་སྤྱི་སྐད་ཡིན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལའང་དེ་རང་བཀོད་སྤྱོད་བྱེད་ཀྱི་ཡོད་པ་དང། དེ་ནི་ཕྱོགས་དམན་ཀུན་གྱི་སྤྱོད་བྱེད་ཀྱི་སྤྱི་སྐད་དེ་ཡིན།

བོད་ཀྱི་སྐད་ཡིག་དེ་བེད་སྤྱོད་བྱ་མཁན་མི་འབོར་ནི་དེ་ཙམ་ཕོན་ཆེན་མེད་རུང་། དུས་རབས་བདུན་པའི་ནང་དེའི་ཡིག་གཟུགས་གསར་བཟོ་བྱས་པ་ནས་བཟུང་། དེ་ལ་ཡུལ་ལུང་གི་ཕྱོགས་མཚམས་ལས་བརྒལ་བའི་གཟི་བརྗིད་འོད་སྟོང་འབར་བའི་ལོ་རྒྱུས་ཤིག་བྱུང་མྱོང་ཡོད། སྐད་ཡིག་དེ་ནི་རྩ་ཆེའི་སྐད་ཡིག་ཞིག་ཡིན་པ་དང་དེ་ནི་ཆོས་ཕྱོགས་ཀྱི་སྤྱོད་ཡུལ་ཞིག་ཡིན། དུས་རབས་བཅུ་གསུམ་ཙམ་གྱི་སྔ་རོལ་ནས་བཟུང་དེང་གི་དུས་བར་དུ་སྐད་ཡིག་དེའི་ནང་བོད་ཀྱི་ནང་ཆོས་ཀྱི་ལྟ་གྲུབ་དང་། རྣམ་ཐར། ཆོ་ག་ཕྱག་ལེན་གྱི་དཔེ་ཆ་སོགས་ཉར་ཚགས་བྱས་དང་བྱེད་མུས་ཡིན། བོད་རྒྱུད་ནང་བསྟན་ལ་གསང་སྔགས་རྡོ་རྗེ་ཐེགས་པའམ་འབོད་ཀྱི་ཡོད་པ་དང་། དེ་ནི་བོད་ཆོལ་ཁ་གསུམ་ཕུད་པའི་བལ་ཡུལ་དང་། འབྲུག རྒྱ་གར་གྱི་བྱང་རྒྱུད་ (ལ་དྭགས་དང་། འབྲས་ལྗོངས། རྡོ་རྗེ་གླིང་། ཟངས་དཀར།) སོག་ཡུལ། ཨུ་རུ་སུའི་མངའ་འོག་གི་སྤྱི་མཐུན་རྒྱལ་ཁབ་ (སྦུ་རི་ཡ། ཁལ་མུག་ལ་སོགས།) ཡུལ་གྲུ་ཁག་མང་པོའི་ནང་ཉམས་ལེན་བྱེད་ཀྱི་ཡོད།

བོད་ཀྱི་སྐད་ཡིག་ནང་སྙན་ངག་དང་། སྨན་གཞུང་། ལོ་རྒྱུས། མཛད་རྣམ། གཏམ་རྒྱུད། ཟློས་གར་སོགས་རྩོམ་རིག་ཀྱི་ལུགས་སྲོལ་ཤུགས་ཆེ་དར་ཡོད། དེ་བཞིན་དེང་དུས་ཀྱི་རྩོམ་རིག་ལ་ཆ་མཚོན་ནའང་ཧ་ཅང་གསོན་ཉམས་འདོད་པོ་ཡོད། བོད་ཀྱི་མི་འབོར་མང་ཆེ་བ་ནི་ཞིང་པ་དང་འབྲོག་པ་ཡིན། ཁོང་ཚོ་ནི་ངག་རྒྱུན་གྱི་རྩོམ་རིག་ཧ་ཅང་ཕྱུག་པོ་ཞིག་ཉར་ཚགས་ཞུ་མཁན་ཞིག་ཡིན་རུང་དེའི་སྐོར་རྒྱུས་མངའ་མེད་པར་ལུས་ཡོད།