ཁ་བཏགས་དཀར་པོའི་དམིགས་ཡུལ།
སྤྱིར་སྐྱབས་བཅོལ་བ་ཞིག་ཡིན་ཕྱིན་རང་ཉིད་ཀྱི་རྒྱབ་ཏུ་བསྐྱུར་ཟིན་པའི་རང་གི་རིག་གཞུང་དེར་གཅེས་འཛིན་བྱ་རྒྱུའི་འདུན་པ་བརྟན་པོ་ཞིག་ཡོད་ལ། དེ་དང་ཕྱོགས་མཚུངས་དེང་ཕྱིན་མི་ཚེའི་ལམ་བུ་གསར་དུ་སྙེགས་ཡུལ་གྱི་གནས་ཚང་རྒྱལ་ཁབ་ཀྱི་རིག་གཞུང་ནང་མཉམ་གནས་ལེགས་པོ་ཞིག་ཡོང་རྒྱུར་འབད་པ་དོ་མཉམ་ཞིག་ཡོང་རྒྱུའི་རེ་བ་འཆང་གི་ཡོད། བོད་པ་ཚོར་མཚོན་ན་གནད་དོན་དེ་ནི་དམིགས་བསལ་གྱི་ཛ་དྲག་དང་བློ་འཚབ་བྱ་ཡུལ་གྱི་གལ་ཆེ་དོན་ཆེན་ཞིག་ལ་གྱུར་ཡོད།
པར་ནང་གི་གཡོན་ནས་བརྩིས་པའི་དང་པོ་ཚོགས་གཙོ་ Hélène Dorseuil་དང་གཉིས་པ་ནི་ཚོགས་གཞོན་ཆབ་བྲག་ལྷ་མོ་སྐྱབས།
ང་ཚོའི་ཚོགས་པའི་ནང་དུ་ད་ལྟ་་ཚོགས་མི་བོད་པ་དྲུག་དང་ཧྥ་རན་སིའི་མི་བརྒྱད་བཅས་ཁྱོན་བསྡོམས་ཚོགས་མི་བཅུ་བཞི་ཡོད།
སྤྱི་ལོ་༢༠༡༧ལོར་ཁ་བཏགས་དཀར་པོའི་ཚོགས་པ་ཐོག་མར་དབུ་བརྙེས་པ་ནས་ད་ལྟ་བར་དུ་དྭང་བླང་ཞབས་ཞུ་བ་ཁྱོན་བཞི་བཅུ་ཙམ་བྱུང་ཡོད།
ད་ལྟའི་ཆར་ཚོགས་པའི་ལས་གཞི་རྣམས་ཚགས་ཚུད་ངང་སྒྲུབ་ཆེད་ཚོགས་མི་དང་དྭང་བླང་བ་ཁྱོན་བསྡོམས་༣༣ཡོད་པའི་ཁོངས་སུ་ཧྥ་རན་སིའི་མི་༡༥དང་བོད་པ་༡༨ཡོད།
ང་ཚོའི་འཆར་གཞི་དང་བྱེད་སྒོ་ཁག་ལ་ཁྱེད་ཀྱི་མོས་མཐུན་ཡོད་ན།
ང་ཚོའི་ཚོགས་པར་ཞབས་འདེགས་ཞུ་བར་ཁྱེད་ཚོ་ལ་ནུས་པ་ཡོད།
འབྲེལ་མཐུད་གནང་བ།དཔལ་འབྱོར་མཁོ་སྒྲུབ་དང་རོགས་དངུལ་སློང་བ།སྦྱིན་བདག་གནང་བ།སྐད་བསྒྱུར་གནང་བ།བོད་ཡིག་དང་ཧྥ་ཡིག་འཁྲིད་གནང་བ།བོད་པ་ཚོར་རོགས་ཟླར་ཕེབས་པ།