Change Language

འབྲེལ་གཏུག :
contact@khatakarpo-tibet.org
 

ཕྱི་ཟླ་དྲུག་པའི་ཚེས་ ༡༣ རེས་གཟའ་ཉི་མར་ཁ་བཏགས་དཀར་པོའི་ཚོགས་པས་མོང་ཏོ་ཇེ་གཞིས་ཀ་དང་༼ Domaine de Montauger ༽ དེའི་ཉེ་འཁོར་ལ་སྤྲོ་འཆམ་ཞིག་གོ་སྒྲིག་ཞུ་གཏན་འཁེལ་ཡོད་ན། རྣམ་པ་ཚོ་གང་མང་ཕེབས་གནང་ཡོད་པ་ཞུ།

འཛོམས་ས་དང་འཛོམས་དུས། ཆུ་ཚོད་ ༡༠ ལ་ Gare de Lyon གྱི་ཚོགས་ཁང་དང་པོ་ Hall 1 གྱི་ཟ་ཁང་མེ་འཁོར་སྔོན་པོ་༼ le Train Bleu ༽ ཡི་མདུན་ལ་འཛོམས་རྒྱུ་དང་།

ཆུ་ཚོད་ ༡༠ དང་སྐར་མ་ ༣༡  ལ་མེ་འཁོར་ D ནང་ལ་ཐོན་རྒྱུ་ཡིན། 

མེ་འཁོར་ཁ་ཕྱོགས་ Malesherbes ་དང་འབབ་ཚུགས་༼Mennecy༽ ལ་འབབ་དགོས། པ་རེ་སིའི་མེ་འཁོར་སྤ་སེ་ Pass Navigo ཡོད་ན་མེ་འཁོར་སྤ་སེ་དམིགས་བསལ་ཉོ་མི་དགོས། ཆེ་ཆུང་ལ་ལྟོས་པར་རང་རང་གྱི་ཞལ་ལག་འཁྱེར་རྒྱུ་མ་བརྗེད་པ་གནང་རོགས།

ཧྥ་རན་སིར་གནས་པའི་བོད་ཀྱི་རིག་གཞུང་།

ཕེབས་བསུ་ཞུ་བའི་སྤྲོ་སྣང་།  ཉམས་སྤྱོད་བྱེད་པའི་དགའ་སྣང་།

བརྩེ་བའི་ཧྥ་རན་སིར་གནས་བཞུགས་བོད་རིགས་སྤུན་ཟླ་ཚོ།

སྐུ་ཁམས་བཟང་།

ངེད་ཚོགས་པའི་མིང་ལ་༼Rencontres au bout du monde.ཟེར་ཞིང་།   ལོ་ངོ་ཉི་ཤུའི་ཡར་སྔོན་ནས་བཟུང་། ཤར་གླིང་ཨེ་ཤི་ཡའི་རྒྱལ་ཁབ་འདྲ་མིན་ནང་འགན་འཁུར་ལྡན་ཞིང་། དྲང་ཚུགས་ལྡན་པ།  མཐུན་སྒྲིལ་གྱི་བསམ་པས་ཀུན་ནས་བསླངས་སྟེ་ཡུལ་མིའི་ཁྱིམ་ཚང་ནང་བཅག་མ་སམ་ཡུན་ཐུང་བཞུགས་གནས་ཤིག་གོ་སྒྲིག་ཞུས་དང་ཞུ་མུད་ཡིན།

འདི་ལོ་ནད་ཡམས་ངན་པའི་རྐྱེན་གྱིས་ངེད་ཚོགས་པས་གོ་སྒྲིག་ཞུ་མུས་ཀྱི་ཧྥ་ཡིག་འཛིན་གྲྭ་དེ་རྣམས་ལོ་རེ་བཞིན་ཨི་ཎལ་ཀོ་ Inalcoཔེ་རིསི་ས་ཁུལ་བཅུ་གསུམ་པ་དང་  FTCR སི་ཊ་གླིང་གར་ (པེ་རིསི་བཅུ་དགུ་པ།གནས་པའི་འཛིན་ཁང་ལ་སློབ་ཁྲིད་བྱ་ཐབས་རྩ་བ་ནས་མེད་སྟབས།གང་མགྱོགས་དྲ་ཐོག་ནས་(Zoom) ཛུམ་རྒྱུད་ནས་གནས་ཚད་A2 ཡི་སློབ་ཚན་གཟའ་སྤེན་པའི་ཕྱི་དྲོ་ཆུ་ཚོད་བདུན་པ་ནས་བརྒྱད་དང་ཕྱེད་ཀ་དབར་སློབ་འཁྲིད་ཞུ་རྒྱུ་ཡིན

Search