ཁ་བཏགས་དཀར་པོའི་རོགས་རམ། 

ནམ་རྒྱུན་ང་ཚོའི་འཛིན་སྐྱོང་དང་ཁྲིམས་ལུགས་ཀྱི་འགྲོ་ལུགས་གཉེར་རྒྱུར་རོགས་རམ་གནང་མཁན་ལ་དང་བླངས་པ་གཉིས་ཡོད། བོད་པསྐད་སྒྱུར་བ་གཅིག་དང་ཧྥ་རན་སི་མི་གཅིག་ཡོད།

ང་ཚོས་བོད་མི་ཚོའི་དགོས་མཁོ་རིགས་མང་པོ་ཞིག་སྒྲུབ་ཀྱི་ཡོད།

 - ༡༽ སྤྱི་ཚོགས་ཀྱི་ཐོབ་ཐང་དང་འབྲེལ་བའི་གནས་ཚུལ།དམིགས་བསལ་གྱིས་ལས་ཀ་འཚོལ་ཕྱོགས་དང་འབྲེལ་བའི་རིགས།

༢༽ གཞུང་འབྲེལ་གྱི་སྡོད་ཁང་དང་ཛ་དྲག་སྡོད་ཁང་གི་ཡིག་ཆ་བཟོ་རོགས། སྨན་བཅོས་དང་འགྲིམ་འགྲུལ་རོགས་དངུལ་ཞུ་སྟངས་ཀྱི་བརྒྱུད་རིམ་ལ་རོགས་རམ།

- ༣༽ལས་ཀ་འཚོལ་བའི་སྙན་ཞུ་( CV དང་ Lettre de motivation )བྲི་རོགས་བྱེད་པ།
༤༽གཞུང་འབྲེལ་ཡི་གེ་སླེབས་པ་རྣམས་ལ་རོགས་རམ།
༥༽ ཨོབ་ར་ OFPRAལ་སྐྱབས་བཅོལ་ཞུ་སྐབས་སོ་སོའི་དངོས་བྱུང་ལོ་རྒྱུས་རྣམས་བོད་ཡིག་དང་།དབྱིན་ཇི་ནས་ཧྥ་ཡིག་ནང་ཡིག་སྒྱུར་བྱེད་པ།
༦༽  སྐྱབས་བཅོལ་ཞུ་བ་དང་ནང་མི་ཟླ་སྒྲིལ་གཏོང་བ། ཧྥ་རན་སིའི་མི་སེར་ཡིག་ཆ་ཞུ་བ་སོགས་ལ་ཁྲིམས་ཐོག་ནས་རོགས་རམ་བྱེད་ཀྱི་ཡོད།

༧༽   ཆེད་ལས་ལས་ཁུངས་ཁག་དཔེར་ན།སྨན་པ།ཁྲིམས་རྩོད་པ།གཞུང་གི་ངོས་འཛིན་ཡོད་པའི་ལོ་ཙཱ་བ་སོགས་ནས་དུས་ཚོད་ལེན་རོགས་བྱེད་ཀྱི་ཡོད།

 

རོགས་རམ་རྣམས་དོ་བདག་དངོས་སུ་ས་གནས་སུ་ཡོང་མི་དགོས་པར་ཁ་པར་གྱི་མཉེན་ཆས་ WhatsApp བརྒྱུད་ནས་གཟའ་ཟླ་བ་ནས་གཟའ་སྤེན་པ་བར་བྱེད་ཐུབ་ཀྱི་རེད

གལ་སྲིད་WhatsApp བརྒྱུད་ནས་སྐད་ཆ་བཤད་པའི་རྗེས་སུ་རོགས་རམ་ཞུ་མི་དོ་བདག་དངོས་སུ་ས་གནས་སུ་ཡོང་དགོས་ངེས་ཡིན་ན་ང་ཚོ་དང་མཉམ་ལས་བྱེད་མཁན་གྱི་གཤམ་འཁོད་ས་གནས་རྣམས་སུ་ཡོང་རྒྱུའི་དུས་ཚོད་བཟོ་ཆོག

 
INALCO, 65 rue des Grands Moulins, 75013 Paris.
FTCR, 23 rue du Maroc, 75019 Paris. : le samedi
Restaurant Le KOKONOR, 206, rue Saint-Jacques, 75005 Paris.

 

KHATA KARPO accompagnement

Search